བོད་ཀྱི་གྲངས་འཛིན་དཔེ་མཛོད།
དེང་དུས་ཀྱི་དྲ་རྒྱའི་དུས་རབས་སུ། གྲངས་འཛིན་དཔེ་མཛོད་ནི་སློབ་གཉེར་བ་དང་། ཞིབ་འཇུག་པ། མཁས་དབང་ལ་སོགས་པའི་དཔྱད་ཞིབ་པ་ཡོངས་ལ་མཁོ་བའི་རྒྱུ་ཆ་རྣམས་ལས་སླ་བོར་འཚོལ་རྙེད་ཐུབ་པའི་གལ་ཆེའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། འདི་ནི་ཤེས་བྱ་འཚོལ་བའི་མཐུན་རྐྱེན་ཙམ་དུ་མ་ཟད། བྲིས་མ་དཀོན་རིགས་དང་རྩ་ཆེའི་ཡིག་ཆ་ཁག་གཏན་འཇགས་ཡིག་མཛོད་དུ་ཉར་ཚགས་བྱས་ཏེ། མི་རབས་ཕྱི་མའི་ཆེད་དུ་ཤུལ་བཞག་རིག་གནས་དང་ལོ་རྒྱུས་སྲུང་སྐྱོབ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན།
༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་། རྒྱ་ནག་གིས་བོད་ཀྱི་རིག་གཞུང་དང་གཅེས་ནོར་གྱི་དཔེ་དེབ་དང་། གནའ་རྫས། དེ་བཞིན་མངོན་མེད་རིག་གཞུང་གི་རྒྱུ་ནོར་གྲངས་ལས་འདས་པ་མེད་པར་བཟོས་དང་བཟོ་བཞིན་ཡོད་པས། དེས་བོད་མི་རིགས་ལ་གསུབ་ཐབས་མེད་པའི་གྱོང་གུད་བཟོས་ཡོད། ལྷག་པར་དུ་༡༩༦༦ ནས་༡༩༧༧ བར་གྱི་རིག་གནས་གསར་བརྗེའི་སྐབས་སུ། རྩ་ཆེའི་གསུང་རབ་དང་དཔེ་རྒྱུན་དཀོན་པའི་ནང་ཆོས་ཀྱི་དཔེ་ཆ་གྲངས་མེད་མེར་བསྲེགས་པ་དང་། གནའ་རྫས་དང་རིན་ཐང་ཆེ་བའི་དངོས་པོ་རྣམས་འཕྲོག་བཅོམ་བྱས་ཏེ་རྒྱ་ནག་ཏུ་སྐྱེལ་འདྲེན་བྱས་ཡོད། འོན་ཀྱང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་རྗེས། བོད་མི་སྟོང་ཕྲག་མང་པོ་ཁོང་གི་རྗེས་སུ་འབྲངས་ནས་རྩ་ཆེའི་དཔེ་རྙིང་དང་གནའ་རྫས་སྣ་ཚོགས་ཁྱེར་ཡོང་བ་དེ་དག་ད་ལྟ་བོད་ཀྱི་དགོན་པ་དང་རིག་གཞུང་ལྟེ་གནས་ཁག་ཏུ་བདེ་འཇགས་ངང་ཉར་ཚགས་བྱས་ཡོད། དེར་བརྟེན། རྩ་ཆེའི་རིག་གཞུང་དང་ནང་ཆོས་ཀྱི་ཐོན་ཁུངས་འདི་དག་དེང་རབས་གྲངས་འཛིན་གྱི་རྣམ་པར་ཉར་ཚགས་བྱ་རྒྱུ་ནི་བོད་མི་རིགས་དང་འཛམ་གླིང་ཡོངས་ཀྱི་ཆེད་དུ་ཧ་ཅང་གལ་ཆེ་བ་ཡིན་ལ། མ་འོངས་པའི་མི་རབས་རྣམས་ཀྱིས་དེ་དག་ལ་སྲུང་སྐྱོབ་དང་བེད་སྤྱོད་ཐུབ་པའི་ཆེད་དུའང་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་གསར་བསྐྲུན་བྱས་ཡོད། ང་ཚོའི་གྲངས་འཛིན་དཔེ་མཛོད་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་མཁན་ཚོས་དྲ་ཐོག་གི་ཐོན་ཁུངས་ལ་བདེ་བླག་ངང་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ་སྟབས་བདེའི་དྲ་ལམ་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་དང་། དེ་ཡང་བདེ་འཇགས་དང་། རྒྱུན་གནས་ཐུབ་པའི་སྒོ་ནས་གནའ་བོའི་བོད་ཀྱི་དཔེ་རྙིང་དང་། དངོས་རྫས། དེ་བཞིན་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་གཞན་དག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན།
བོད་ཀྱི་དགོན་སྡེ་བཞི་བཅུ་ལྷག་དང་རིག་གཞུང་ལས་ཁུངས་ཁག་ལྔའི་དཔེ་མཛོད་ཁང་གི་ཐོན་ཁུངས་རྣམས་མ་ལག་གཅིག་གྱུར་ནང་སྟབས་བདེ་བའི་ངང་ནས་ལོངས་སུ་སྤྱོད་ཐུབ། དེ་བཞིན་དུ་འཚོལ་བཤེར་འཕྲུལ་འཁོར་དང་དཔེ་དེབ་དབྱེ་འབྱེད་མ་ལག་ཆ་ཚང་ཡོད་པ། སྐད་སྒྱུར་དང་སྙིང་བསྡུས་བྱེད་པའི་མིས་བཟོས་རིག་ནུས་ལག་ཆ། གསར་དུ་བཅུག་པའི་ཐོན་ཁུངས་རྣམས་འཚོལ་ཞིབ་བྱེད་སའི་ལེ་ཚན་སོགས་ཀྱི་ཁྱད་ཆོས་ལྡན།

ང་ཚོའི་ཕྱོགས་བསྒྲིགས།
བོད་ཀྱི་རིག་གཞུང་གི་ཐོན་ཁུངས་དར་རྒྱས་ཆེ་བའི་དྲ་ཐོག་གི་ཡིག་མཛོད་ཅིག་ཡོད་པ་དང་། དེ་ནི་དགོན་པ་དང་རིག་གཞུང་གི་ཚོགས་པ་ཁག་ནས་ཞིབ་ཚགས་ངང་བདག་གཉེར་བྱས་ཡོད། དངོས་པོ་རེ་རེ་བཞིན་གློག་ཀླད་དུ་འཇུག་པ་དང་། ཡིག་ཐོག་ཏུ་འགོད་པ། དེ་བཞིན་ཞིབ་འཇུག་དང་། སློབ་གསོ། རིག་གཞུང་གི་རྒྱུན་འཛིན་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་གོ་རིམ་བསྒྲིགས་ཡོད།

གནའ་བོའི་ནང་པའི་དཔེ་རྙིང་དང་། ཡིག་ཆ་དཀོན་རིགས། དགོན་པ་དང་སྒྲིག་འཛུགས་ཁག་ནས་ཕབ་བཤུས་བྱས་པའི་བོད་ཡིག་གི་ཡིག་རྙིང་།

དཔྱད་གཞིའི་ལོ་རྒྱུས་པར་རིས་རྣམས་ཀྱིས་རིག་གནས་དང་། སྤྱི་ཚོགས། ཆོས་ལུགས་ཀྱི་འཚོ་བ་བཅས་མཚོན་པར་བྱས་ཏེ་བརྙན་རིས་སུ་བསྐྱར་གསོ་བྱས་པ་ཡིན།

དགོན་སྡེ་དང་རིག་གཞུང་ཚན་པ་ཁག་ནས་བྱུང་བའི་ངག་རྒྱུན་ལོ་རྒྱུས་དང་། གླུ་གཞས། བཅར་འདྲི། དངོས་བྱུང་སྒྲ་འཇུག་བཅས་ཀྱི་ཟིན་ཐོ།
གཅེས་ཉར་དང་སྲུང་སྐྱོབ།
སྲུང་སྐྱོབ་སྡེ་ཚན་གྱི་དམིགས་ཡུལ་གཙོ་བོ་ནི་གཟབ་ནན་གྱིས་གྲངས་འཛིན་ཅན་དུ་སྒྱུར་བ་དང་ཡུན་རིང་བའི་གྲངས་འཛིན་ཉར་ཚགས་བརྒྱུད་ནས་བོད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། འདིའི་ཁོངས་སུ་དགོན་སྡེ་དང་རིག་གཞུང་སྡེ་ཚན་ཁག་ནས་བསྡུ་རུབ་བྱས་པའི་ལག་བྲིས་དཔེ་ཆ་དང་། ཐང་ག། ལོ་རྒྱུས་ཀྱི་པར་རིས། སྒྲ་དང་བརྙན་འཕྲིན་གྱི་རིགས་སོགས་ཚུད་ཡོད། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱིས་དེང་རབས་ཀྱི་འཕྲུལ་རིག་བེད་སྤྱོད་བྱས་ནས་རྒྱུ་ཆ་འདི་དག་བསྐྱར་གསོ་དང་། སྒྲིག་སྦྱོར། ཉར་ཚགས་བཅས་བྱེད་པའི་ཐོག ཉམས་ཆག་འགྲོ་སླ་བ་དང་དཀོན་པའི་རིག་གནས་ཀྱི་ཐོན་ཁུངས་རྣམས་ཤེས་ཡོན་སློབ་གསོ་དང་། ཞིབ་འཇུག མ་འོངས་པའི་མི་རབས་གསར་པ་བཅས་ཀྱི་ཆེད་དུ་མུ་མཐུད་བེད་སྤྱོད་ཐུབ་པར་བཟོ་བཞིན་ཡོད།
![[object Object]](/assets/about5.png)
བྲིས་མ་དང་ཡི་གེ།
- ཡིག་རྙིང་རྣམས་བཤེར་འབེབ་ཚད་ལྡན་གྱིས་གྲངས་འཛིན་ཅན་དུ་བསྒྱུར་བ།
- བདེ་འཇགས་ངང་གྲངས་འཛིན་ཅན་དུ་ཉར་ཚགས་བྱེད་པ།
- མཚན་བྱང། མཛད་པ་པོ། ཚེས་གྲངས། ས་གནས་སོགས་བང་རིམ་བཞིན་བཀོད་སྒྲིག་བྱེད་པ།
![[object Object]](/assets/IMAGE 6.jpg)
ཐང་ག་དང་རི་མོའི་སྒྱུ་རྩལ།
- ཐང་ག་རྣམས་ཞིབ་ཆ་ཚད་མཐོའི་སྒོ་ནས་གྲངས་འཛིན་ཅན་དུ་བསྒྱུར་བ།
- འཕྲུལ་རིགས་ལ་བརྟེན་ནས་དེའི་སྟེང་གི་བོད་ཡིག་རྣམས་འཚོལ་ཞིབ་དང་ངོས་འཛིན་བྱེད་པ།
- ཞིབ་འཇུག་དང་དཔྱད་གཞིའི་ཆེད་དུ་གནས་ཚུལ་ཞིབ་ཕྲ་འགོད་པ།
![[object Object]](/assets/IMAGE 7.jpg)
ལོ་རྒྱུས་པར་རིས།
- པར་རིས་དངོས་སུ་བཤེར་འབེབས་བྱེད་པ།
- མིས་བཟོས་རིག་ནུས་ཀྱི་ཡོ་ཆས་སྤྱད་ནས་མདོག་ཡལ་བ་དང་གས་སྐྱོན་བྱུང་བའི་པར་རིས་བསྐྱར་གསོ།
- བསྐྱར་བཟོ་མ་བྱས་པ་དང་བྱས་པ་གཉིས་ཆ་ཉར་ཚགས།
![[object Object]](/assets/audio.png)
བརྙན་དང་སྒྲ་འཇུག།
- སྒྲ་བརྙན་རྣམས་དེང་རབས་གྲངས་འཛིན་གྱི་རྣམ་པར་བསྒྱུར་བ།
- སྒྲའི་རྒྱབ་ལོགས་ཀྱི་སྐད་གཙང་བཟོ་དང་སྤུས་ཚད་མཐོ་རུ་གཏོང་བ།
- ཟིན་ཐོར་བཀོད་པ་དེ་དག་ལ་འགྲེལ་བརྗོད་དང་ཚེས་གྲངས་བཅས་སྒྲིག་སྦྱོར་བྱེད་པ།
འཕྲུལ་རིག་དང་ཐོབ་ཐང་།
མཐོ་རིམ་གྲངས་འཛིན་ལག་ཆ་ཁག་ལ་བརྟེན་ནས་འཛམ་གླིང་ཡོངས་སུ་བོད་ཀྱི་རིག་གཞུང་རྒྱུ་ཆ་རྣམས་འཚོལ་བཤེར་དང་། ལྟ་ཀློག བེད་སྤྱོད་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་བཞིན་ཡོད།
མཉམ་ལས།
གྲངས་འཛིན་ཡིག་མཛོད་འདིས་གཞི་རྒྱ་ཆེ་བའི་ས་གནས་དངོས་ཀྱི་ཞིབ་འཇུག་དང་ཡིག་ཆ་ཕྱོགས་བསྒྲིགས་བྱེད་པ་བརྒྱུད། དགོན་སྡེ་དང་རིག་གཞུང་སྡེ་ཚན་ལྔ་བཅུ་ལྷག་དང་མཉམ་ལས་བྱེད་བཞིན་ཡོད། མཉམ་ལས་འདི་ལ་བརྟེན་ནས། ཤོག་དྲིལ་དང་། དཔེ་རྙིང་། སྒྱུ་རྩལ། པར་རིས། སྒྲ་བརྙན་ཕབ་སྐྲུན་གྱི་ཡིག་ཆ་སོགས་བཟང་སྤྱོད་དང་མཐུན་པར་བདག་ཉར་བྱེད་ཐུབ་པར་མ་ཟད། རྒྱུན་མཐུད་ཀྱི་མཉམ་ལས་འདིས་སྲུང་སྐྱོབ་ཀྱི་ཚད་གཞི་གཅིག་གྱུར་དང་། མཁས་པའི་མཉམ་ཞུགས་དང་ཞིབ་འཇུག བོད་ཀྱི་ཤུལ་བཞག་རིག་གཞུང་ཡུན་རིང་བེད་སྤྱོད་ཐུབ་པ་བཅས་ཀྱི་ཁག་ཐེག་ཀྱང་བྱེད་ཀྱི་ཡོད།